The Tibetan Language Kit for OS X can be used to create just about any type of text that uses the Tibetan script. Below is a sample text in the Dzongkha language taken from the newspaper "Kuensel" published in Thimphu, Bhutan.
This page is encoded as Unicode (utf-8) and requires a compatible browser like Opera and a properly encoded Tibetan font. If you don't own the Tibetan Language Kit for OS X and don't use a Macintosh, you can view a PDF version of this file.
|
རེས་གཟའ་པ་སངས་ཀྱི་ནུབ་མོར་ བསམ་གྲུབ་ལྗོངས་མཁའི་ ཁྲོམ་ཁར་ གློག་མེ་ལུ་བརྟེན་ཏེ་ ཚོང་ཁང་༤མེ་གིས་འཚིགས་ཡོདཔ་ལས་ དངུལ་ཀྲམ་ས་ཡ་ལས་ལྷག་པའི་ རྒྱུ་དངོས་ཚུ་ ཐལ་བར་བརླགས་བཏང་ཡོདཔ་ཨིན་པས།
མེ་རྐྱེན་དེ་ ནུབ་མོའི་ཆུ་ཚོད་༩་༣༠དེ་ཅིག་ལུ་འགོ་དང་པ་ར་བསྐོར་སྲུང་ལྟ་རྟོག་ལུ་ འགྱོ་མི་ཁྲིམས་སྲུང་འགག་པའི་སྡེ་ཚན་ཅིག་གིས་ ཁྲོམ་འོག་མའི་ཚོང་ཁང་ ལྡེ་མིག་རྐྱབ་སྟེ་ཡོད་མི་ཅིག་ནང་ལས་འབར་ས་མཐོང་ཡོད་རུང་ ཁོང་གིས་ནང་ན་འཛུལ་ཏེ་ མེ་བསད་ཐབས་འབད་ནི་གི་གོ་སྐབས་མ་བྱུང་མ་ཨིན་པས། ཁྲིམས་སྲུང་འགག་པའི་མེ་བསད་སྣུམ་འཁོར་དང་ སྦོ་ལོགས་ཁར་སྡོད་མི་ཚུ་གི་བརྩོན་ཤུགས་ལུ་བརྟེན་ ཆུ་ཚོད་ཕྱེད་དེ་ཅིག་གི་ནང་འཁོད་ལུ་ར་ མེ་རྐྱེན་དེ་ སྦོ་ལོགས་ཁའི་སྒྲིང་ཁྱིམ་ཚུ་ལུ་ཟུན་ནི་ལས་སྲུང་སྐྱོབ་འབད་ཚུགས་ཡོདཔ་ཨིན་པས། ཁྲིམས་སྲུང་འགག་པ་གིས་ མེ་རྐྱེན་གྱིས གནོད་སྐྱོན་བྱུང་མིའི་ཡོངས་བསྡོམས་སྔོན་རྩིས་བཏོན་མིའི་ནང་ དངུལ་ཀྲམ་༡༠༤༥༠༠༠དེ་ཅིག་ཨིན་པའི་གནས་ཚུལ། |