Tibetan Unicode Sample

The Tibetan Language Kit for OS X can be used to create just about any type of text that uses the Tibetan script. Below is a sample taken from an elementary Tibetan reader.

This page is encoded as Unicode (utf-8) and requires a compatible browser like Opera and a properly encoded Tibetan font. If you don't own the Tibetan Language Kit for OS X and don't use a Macintosh, you can view a PDF version of this file.

༈ དེ་​ནས་​རིམ་​པར་​དབོན་​སྲས་​མང་​སྲོང་​མང་​བཙན། འདིའི་​སྐབས་​སྤྲུལ་​པའི་​རྒྱལ་​པོ་​མ་​བཞུགས་​པར་​ཤེས་​ནས་​རྒྱ་​དམག་​ལྷགས་​པ་​ན། བློན་​པོ་​མགར་​གྱིས་​དམག་​དཔོན་​བྱས་​ཏེ་​རྒྱའི་​ཡུལ་​ཁམས་​མང་​པོ་​བཅོམ་​ནས་​བོད་​རྒྱལ། འདུས་​སྲོང་​མང་​རྗེ་​རླུང་​ནམ་​འཕྲུལ་​གྱི་​རྒྱལ་​པོ། འདིའི་​རིང་​ལ་​བོད་​ཀྱི་​དཔུང་​དམག་​གིས་​ཧོར་​དང་​སོག་​པོ་​ཐམས་​ཅད་​མངའ་​འོག་​ཏུ་​བསྡུས། ཁྲི་​ལྡེ་​གཅུག་​བརྟན་​ནམ་​མེས་​ཨག་​ཚོམས། འདིས་​རྒྱ་​གར་​གྱི་​སློབ་​དཔོན་​སངས་​རྒྱས་​གསང་​བ་​དང་​། སངས་​རྒྱས་​ཞི་​བ་​གཉིས་​ནས་​དམ་​པའི་​ཆོས་​ཀྱི་​སྐྱེས་​བླངས་​ཤིང་​ཐུགས་​དམ་​གྱི་​ལྷ་​ཁང་​ལྔ་​བཞེངས། སྲས་​ལྗང་​ཚ་​ལྷ་​དབོན་​གྱི་​ཁབ་​ཏུ་​ཀོང་​ཇོ་​ཕྱེ་​མ་​བསུས་​ཀྱང་​སྲས་​གློ་​བུར་​དུ་​གྲོངས་​པས། ཀོང་​ཇོ་​དེ་​ཡབ་​མེས་​ཨག་​ཚོམས་​ཀྱིས་​བཙུན་​མོར་​བསྟེན་​པས་​སྲས་​སུ་​ཁྲི་​སྲོང་​ལྡེའུ་​བཙན་​སྐུ་​བལྟམས་​སོ༎